声音和音乐的供奉 - 母语笛子.mp3

声音和音乐的供奉 - 母语笛子.mp3
声音和音乐的供奉 - 母语笛子
[00:00.000] 作词 : 母语笛子 [00...
[00:00.000] 作词 : 母语笛子
[00:01.000] 作曲 : 母语笛子
[00:02.000] 编曲 : 母语笛子
[01:04.436]གངས་རི་མཐོན་པོ་སྟོབས་ཀྱིས་འགྱིང་བའི་ཡང་རྩེ་ནས།
[01:08.453]རྩྭ་ཐང་ཡངས་པོ་གོས་ཀྱིས་བཏིང་བའི་གདན་སྟེང་ནས།
[01:12.446]གཙང་ཆབ་སྔོན་མོ་ཤེལ་གྱིས་བཞུར་བའི་འགྲམ་ངོགས་ནས།
[01:16.685]ངས་སྒྲ་དང་དབྱངས་ཀྱི་མཆོད་པ་འདི།
[01:19.439]ཁྱེད་ལ་འབུལ་གྱིན་ཡོད།
[01:22.450]ངའི་ཤ་རུས་ཁྲག་གསུམ་གྱི་ས་བོན་བཏབ་པའི་ཞིང་མཆོག
[01:26.450]ངའི་བླ་དང་སྲོག་གི་གཞི་རྟེན་བཅོལ་བའི་གངས་ལྗོངས་ཨ།
[01:30.434]
[01:32.938]ཞོགས་པའི་སྐྱ་རེངས་དལ་གྱིས་འཛུམ་པའི་འོད་སྣང་ཁྲོད་ནས།
[01:36.942]ངས་ཁྱེད་ཀྱིས་འབྲུ་མོ་གཡང་གིས་བཞོ་བའི་ཤག་སྒྲ་ལ་ཉན་བཞིན།
[01:41.454]ཉི་རྩེ་ས་ལ་ལྷུང་བའི་བྲག་ཅ་དེ་ཡུན་གྱིས་གྱེར་ཞིང་།
[01:45.943]སྦྲ་ནག་གི་ཡང་སྟེང་ན་འཕྱོ་བའི་འོ་ཞོའི་དྲི་བསུང་གི་ངོས་སུ།
[01:50.448]སྒྲ་དང་དབྱངས་ཀྱི་མར་ལོ་ཞིག་སེར་ལམ་ལམ་དུ་བཀལ་ནས།
[01:55.208]ཉིན་གཅིག་གི་སྒོ་ཆེན་དེ་འདི་ལྟར་ལྷོད་ཀྱིས་ཕྱེས་པ་ཡིན།
[01:57.704]
[02:01.946]རྣང་ཞིང་གྲུ་བཞི་གསེར་གྱིས་སྨིན་པའི་སྙེ་རླབས་དབུས་ནས།
[02:05.204]ངས་ཟོར་ཆེང་ལེབ་མོ་བྲེལ་གྱིས་འགུལ་བའི་སྒྲ་དབྱངས་དེ་སྒྲོག་བཞིན།
[02:09.941]ཁྱེད་ཀྱི་དཔྲལ་གཞུང་ལས་ས་ལ་ལྷག་པའི་རྔུལ་ཆུའི་གཏམ་རྒྱུད་རེ་རེ།
[02:14.687]ཤ་དང་རུས་པའི་སྦུབས་སུ་གླེགས་བམ་ཁྲི་སྟོང་དུ་བྲིས་ནས།
[02:18.195]མི་ཡུལ་གྱི་མཛེས་སྡུག་གླེང་ཞིང་ངལ་རྩོལ་གྱི་རིན་ཐང་བརྗོད་མྱོང་ལ།
[02:23.210]མེ་ཏོག་གི་དཔྱངས་ཟམ་དང་འབྲུ་དྲུག་གི་ཕོ་བྲང་བཞེངས་མྱོང་།
[02:26.693]
[02:28.690]ཀ་མལ་སུམ་ཅུ་དབྱངས་ཀྱིས་གྱེར་བའི་ན་ཆུང་གི་ཁྲོད་ནས།
[02:32.436]འཆད་རྩོད་རྩོམ་པའི་གློག་ཞགས་འཁྱུག་པའི་སྒྲུབ་སྡེ་ཡི་དབྱིངས་ནས།
[02:36.702]ངས་ཉི་འོད་ཀྱི་གཏིང་རུམ་ན་ལུད་པའི་དྲོད་ཀྱི་ཁུ་བ་དེ་འཐུང་བཞིན།
[02:40.950]ཁྱེད་ཀྱི་ཚད་མ་དང་གནས་ལུགས་ཀྱི་བདེན་པ་བྲག་ལ་བརྐོས་པ།
[02:46.438]ཁྱེད་ཀྱིས་བཤད་ན།
[02:47.951]དེ་ནི་ཁ་སང་གི་གཏམ་རྒྱུད་དང་དེ་རིང་གི་མངོན་སུམ་འདི་ཡི་སྡོམ་ཚིག་རེད་ལ།
[02:53.942]ཡང་ན་སང་ཉིན་གྱི་ལུང་བསྟན་ཞིག་གི་སྔོན་འགྲོ་རེད་ཟེར།
[02:55.689]
[02:58.459]བདེན་དེ། ལོ་ངོ་དྲུག་ཅུའི་སྔོན་གྱི་དེ་རིང་།
[03:04.188]ངའི་གོམས་པ་དང་པོ་ཁྱེད་ཀྱི་ཞིང་ཁམས་སུ་སྤོས་ཤིང་།
[03:07.697]ངའི་སྐད་ངག་དང་པོ་ཁྱེད་ཀྱི་མཁའ་དབྱིངས་སུ་བསྒྲགས་དུས།
[03:12.435]ཁྱེད་ཀྱིས་འཇའ་འོད་འཚེར་པོ་ཞིག་གི་ངོས་སུ་བཤམས་པའི།
[03:16.210]སྒྲ་དང་དབྱངས་ཀྱི་མཆོད་པ་ཞིག་ཇི་བཞིན་དུ་རེག་བྱུང་ལ།
[03:20.206]ང་ཡིས་དབྱངས་གསལ་སོ་བཞིའི་སྲོག་རྟ་ལ་འཇུས་པའི།
[03:23.947]ཕ་སྐད་གཙང་མའི་འཕྱོར་གོས་ཤམ་ཤམ་དུ་གྱོན་ནས།
[03:26.949]ཁྱེད་ཀྱི་དགོད་སྒྲ་དང་ཁྱེད་ཀྱི་ན་ཟུག
[03:29.945]ཁྱེད་ཀྱི་དམིགས་འདུན་བཀླགས་མྱོང་།
[03:31.443]
[03:39.635]དཔྱིད་གསུམ་མྱུ་གུ་རེ་ལྟོས་ཀྱིས་འཕུས་པའི་དུས་དེར།
[03:43.141]དབྱར་གསུམ་མེ་ཏོག་དགོད་འཛུམ་གྱིས་བཞད་པའི་སྐབས་དེར།
[03:46.887]སྟོན་གསུམ་འབྲས་བུ་འདོད་དོན་གྱིས་སྨིན་པའི་མཚམས་དེར།
[03:50.636]དགུན་གསུམ་བུ་ཡུག་མྱ་ངན་གྱིས་འཚུབ་པའི་སྒང་དེར།
[03:53.144]ངས་ཁྱེད་ཀྱི་དགའ་བ་དང་དགོད་པ།
[03:58.385]སྐྱོ་བ་དང་གདུང་བ།ཡོད་ཚད་ཀྱི་ཡོད་ཚད་རང་སྲོག་བཞིན་སྲུང་ནས།
[04:00.887]ཁྱེད་ཀྱི་ཁྱིམ་ཕུགས་ཀྱི་སྒྲོན་འོད་དང་གཏན་ནས་བྲལ་མྱོང་མེད་ཡ།
[04:01.897]
[04:04.126]དེ་ཡང་བདེན་ཏེ།
[04:06.379]སྨག་ནག་པའི་མཚན་མོ་རེ་རེར།
[04:07.900]ང་རང་སྐར་ཕྲན་ཞིག་གིི་འོད་སྣང་ལ་བརྟེན་ནས།
[04:11.633]དམིགས་མེད་དུ་སྟོང་དབྱིངས་སུ་འཁྱམས་དུས།
[04:14.888]ཁྱེད་ཀྱིས་སྙན་དབང་གི་སྒོ་མོ་ཡངས་པོར་ཕྱེས་ནས།
[04:18.396]སེམས་ཀྱི་གནས་མལ་དྲོད་འཇམ་དུ་བཟོས་ནས།
[04:21.135]དུང་བ་དང་བརྩེ་བས་སྒུག་ཡོད་པ་ངས་ཅི་ལ་མི་རྟོགས།
[04:25.384]ངས་ཉིན་གྱི་ཐང་ཆེན་རྐང་ཐང་གིས་གཞལ་ནས།
[04:28.646]ཉི་འོད་ཀྱི་དར་ཆ་སེར་པོ་ངག་ནས་བསྐྱོད་བཞིན།
[04:31.893]སྤྲིན་དང་རླུང་བུའི་གསེབ་ནས་ཁྱེད་ཚང་ལ་ཆས་ཡོང་དུས།
[04:35.902]ངའི་ངལ་དུབ་ལ་འཕུར་མཉེད་གཏོང་མཁན་ཁྱེད་རེད་ལ།
[04:39.142]ངའི་བཀྲེས་སྐོམ་ལ་བཟའ་བཏུང་གནང་མཁན་ཁྱེད་ཡིན་པ།
[04:42.892]ཁྱེད་ཀྱིས་སྔར་ནས་སྟ་གོན་དང་ཚགས་བཟོ་བྱས་ཚར་འདུག
[04:44.141]
[04:47.642]དུས་དང་སྐབས་རེ་རེར།
[04:49.396]ཡང་ན་ཉིན་གཅིག་གི་ཕྱོགས་མཚམས་ཀུན་ནས།
[04:52.145]ཁྱེད་ཀྱིས་བྲེལ་འཚུབ་ཀྱི་ཕྱག་ལས་བསྐྱུར་ནས།
[04:54.884]ང་ལ་བློ་ཁ་ཕྱོགས་ཤིང་།
[04:56.889]ཁྱེད་ཀྱི་དད་འདུན་གྱི་མ་ཎིའི་འདོན་དབྱངས་བཅད་ནས་ང་ལ་རྣ་བ་བཀླགས་ལ།
[05:00.144]ཁྱེད་ཀྱི་ཀ་ཁའི་ཀློག་འབྲི་ལ། ཕོག་ཐུག་བར་མེད་དུ་བཟོས་མྱོང་བ།
[05:06.382]ཁྱེད་ཀྱིས་བཤད་ན།
[05:07.644]དེ་ནི་ང་ཁྱེད་ཀྱི་སྙན་ལམ་ན་ཡོད་ཅིང་།
[05:10.641]ཁྱེད་ང་ཡི་ངག་སྒོ་ན་ཡོད་པའི་རྐྱེན་རེད་ཟེར།
[05:14.391]ཡིན་ན་ཡང་།
[05:15.640]དེ་རིང་ངས་བཟོད་གསོལ་ཐེངས་ཤིག་ཞུ་འོས་ཏེ།
[05:18.389]འདི་དག་ཡོད་ཚད་ང་ཁྱེད་ལ་དགའ་དྲག་པའི་ཉེས་པ་རེད།
[05:19.387]
[05:22.899]གང་ལྟར་ཀྱང་།
[05:24.136]ངས་ལོ་རྒན་དྲུག་ཅུའི་རྐང་རྗེས་ཁུར་ནས་དེ་རིང་ལ་ཐོན་དུས་འདིར།
[05:28.386]ངའི་སྙིང་གཏམ་བཤད་སའི་སེམས་མཐུན་མཛའ་གྲོགས་དེ་ཁྱེད་ཡིན་འདུག་ལ།
[05:32.885]ཁྱེད་ཀྱི་དགའ་སྐྱོ་གླེང་སའི་ཡིད་འདྲིས་གྲོགས་མཆོག་དེ་ང་ཡིན་འདུག་པ།
[05:38.886]ངས་གཞི་ནས་རྟོགས་ཤིང་རྨང་ནས་ཚོར་ལ།
[05:39.393]གདོད་ནས་ཤེས་ཡོད།
[05:39.897]
[05:40.142]ངས་དུས་རབས་ཧྲིལ་བོ་ཞིག་གི་གོམ་འགྲོས་མ་འཆོལ་བར་དེ་རིང་ལ་ཐོན་དུས།
[05:45.887]ཁྱེད་ནི་སྔར་བཞིན་ངའི་སྤྱི་གཙུགས་ན་བཞུགས་པའི་དད་པའི་ལྷ་མོ་དེ་ཡིན་འདུག་ལ།
[05:53.132]ཁྱོད་ནི་ནམ་ཡང་ངའི་སྙིང་ཁོང་ན་གསལ་བའི་གསེར་གྱི་མར་མེ་དེ་ཡིན་འདུག་པས།
[05:58.148]ངས་དེ་རིང་ཁྱེད་ལ་སྒྲ་དང་དབྱངས་ཀྱི་མཆོད་པ་འདི་ཅིས་ཀྱང་འབུལ་དགོས་བྱུང་།
[05:58.883]
[06:03.883]ཕ་ཡུལ་ཨ། གངས་ལྗོངས།སྤུན་ཟླ་ཨ། བོད་པ།
[06:07.888]ངས་དེ་རིང་སྐད་གསེང་མཐོན་པོས་ཡང་བསྐྱར་ཁྱེད་ལ་ཞུ་འདོད་པ་ནི།
[06:12.393]ཁྱེད་ནམ་ཡང་ང་ཡི་ངག་སྒོ་ན་ཡོད།
[06:15.137]ང་ནམ་ཡང་ཁྱེད་ཀྱི་སྙན་ལམ་ན་ཡོད།
展开