遍主大圆满白玛格桑法王长久住世析祷文: - 白玛泽仁.mp3

遍主大圆满白玛格桑法王长久住世析祷文: - 白玛泽仁.mp3
遍主大圆满白玛格桑法王长久住世析祷文: - 白玛泽仁
[00:00.000] 作曲 : 白玛泽仁 [00...
[00:00.000] 作曲 : 白玛泽仁
[00:01.000] 编曲 : 白玛泽仁
[00:51.959]ཀ་དག་ལྷུན་གྲུབ་རོལ་གར་ཤཱཀྱའི་ཏོག།
[00:57.801]བསྟན་པའི་གསལ་བྱེད་པཎ་གྲུབ་བཅུ་བདུན་ཞབས།།
[01:04.189]མཚོ་སྐྱེས་རྡོ་རྗེ་ཨཱརྱ་ཏ་རེ་སོགས།།
[01:10.012]རྩ་གསུམ་ཞི་ཁྲོས་དེང་འདིར་དགེ་ལེགས་སྩོལ།།
[01:16.228]ཡིད་འཕྲོག་འོད་སྣ་ལྔ་ཡི་ལྡིང་ཁང་ནས།།
[01:22.387]མཚན་དཔེའི་དཔལ་གྱིས་རབ་ཏུ་འབར་བ་ཡི།།
[01:29.293]བཅོམ་ལྡན་རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡིས།།
[01:35.222]འཆི་མེད་གྲུབ་པའི་དངོས་གྲུབ་དེང་འདིར་སྩོལ།།
[01:41.952]བཤད་དང་སྒྲུབ་པའི་འོད་སྣང་སྟོང་ཕྲག་གིས།།
[01:47.093]ལུང་དང་རྟོགས་པའི་རྒྱལ་བསྟན་པདྨའི་ཚལ།།
[01:54.566]སྐལ་བཟང་གདུལ་བྱའི་དཔལ་དུ་བཞད་མཛད་པའི།།
[01:59.671]བསྟན་འཛིན་ཉིན་བྱེད་དབང་པོར་གསོལ་བ་འདེབས།།
[02:08.017]སྙིགས་མ་ལྔ་ཡི་ཡང་མཐར་ལྷུང་བ་ཡི།།
[02:12.966]ཕན་བདེའི་རྩ་ལག་གངས་ལྗོངས་རྒྱལ་བའི་བསྟན།།
[02:19.933]བཤད་སྒྲུབ་སྙིང་པོས་དབེན་པ་འདིར་དགོངས་ལ།།
[02:26.004]ཞབས་པད་མི་འགྱུར་རིང་དུ་བརྟན་པར་མཛོད།།
[02:33.831]ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་།།
[02:39.310]རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་དང་།།
[02:46.210]རིན་ཆེན་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས།།
[02:51.758]ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག།
展开